Rig-mdzod Dus-deb http://journal.clcs.edu.bt/index.php/rj College of Language and Culture Studies en-US Rig-mdzod Dus-deb 2959-8265 འབྲུག་གི་བཟོ་རིག་བཅུ་གསུམ་གྱི་རྣམ་གྲངས་ལ་དཔྱདཔའི་གཏམ། http://journal.clcs.edu.bt/index.php/rj/article/view/75
བཅུད་དོན།

བཟོ་རིག་འདི་ འབྲུག་གི་ལམ་སྲོལ་དང་འབྲེལ་བའི་སྒྱུ་རྩལ་གལ་ཅན་ཅིག་ཨིན་རུང་ བཟོ་རིག་གི་རྣམ་གྲངས་རྩི་སྲོལ་ལུ་ མི་སྡེ་ནང་ལུ་གཅིག་མཚུངས་མེད་པའི་དཀའ་ངལ་ཅིག་སྦེ་ཆགས་ཏེ་འདུག། ཡིག་ཆ་ཚུ་དང་འཁྲིལཝ་ད་ རྣམ་གྲངས་རྩིས་ཐངས་མ་འདྲཝ་ལེ་ཤ་ཡོདཔ་ལས་ ཁུངས་བཙན་ཞིབ་འཚོལ་འདི་ནང་ ཆོས་འབྱུང་རྒྱལ་རབས་དང་འབྲེལ་བའི་རྩོམ་བྲིས་དང་ ཞལ་འཛོམས་གྲོས་བཅུད་ལ་སོགས་པ་ཚད་ལྡན་གྱི་ཡིག་ཆ་ཚུ་ལུ་ཁུངས་གཏུགས་ཏེ་ འབྲུག་གི་བཟོ་རིག་གི་འབྱུང་ཁུངས་དང་ རྣམ་གྲངས་ལུ་དབྱེ་དཔྱད་འབད་དེ་ཡོད། ཞིབ་འཚོལ་གྱི་གནས་སྡུད་དབྱེ་དཔྱད་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ལུ་ བཟོ་རིག་གི་རིག་རྩལ་འདི་ ནང་ཆོས་མ་དར་བའི་ཧེ་མ་མོན་ཡུལ་སྦེ་གནས་པའི་དུས་སྐབས་ལས་རང་ཡོད་པའི་ཁར་ དུས་རབས་བདུན་པ་ལས་ཡར་དྲག་སོང་ཡོདཔ་མ་ཚད་ དམིགས་ལས་གྱིས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྐབས་ལུ་ བཟོ་རིག་གི་བསྟན་པ་རྒྱ་ཆེ་དྲག་སྦེ་དར་ཁྱབ་འགྱོ་ནུག། དེ་བཟུམ་སྦེ་ དེའི་སྐབས་ལུ་བཟོ་རིག་གི་རྣམ་གྲངས་བརྩིས་སྲོལ་ཚུ་ཡོད་རུང་ བཟོ་རིག་བཅུ་གསུམ་ངོས་འཛིན་གནང་ཡོད་པའི་ལོ་རྒྱུས་མ་གསལཝ་ལས་ གནད་དོན་འདི་གི་ཐོག་ལུ་དཔྱད་ཞིབ་འབད་མི་འདི་གིས་ དུས་མཐུན་གྱི་རྣམ་གྲངས་གསལ་སྟོན་འབད་ནི་ལུ་ལྷན་ཐབས་འབདཝ་མ་ཚད་ རྒྱལ་ཁབ་ཀྱི་ལམ་སྲོལ་གལ་གནད་ཅན་ཅིག་ཨིན་པའི་བདེན་ཁུངས་གཟང་ཚུགས།

གཙོ་ཚིག། བཟོ་རིག། བཅུ་གསུམ། རྐང་གྲངས། རྣམ་གྲངས། སྒྱུ་རྩལ།
སངས་རྒྱས་ཕུན་ཚོགས། རིག་གཞུང་མཐོ་རིམ་སློབ་གྲྭ། Copyright (c) 2024 Sangay Phuntsho https://creativecommons.org/licenses/by/4.0/ 2024-06-24 2024-06-24 2 10.17102/rigzoedjournal.clcs.rub.2.005 རྒྱ་བོད་གཉིས་ནང་བར་དོའི་དགོངས་དོན་གྱི་འབྱུང་ཁུངས་དང་འཕེལ་རིམ། http://journal.clcs.edu.bt/index.php/rj/article/view/83
བཅུད་དོན།

བར་དོའི་རྣམ་གཞག་འདི་ ནང་ཆོས་དང་འབྲེལ་བའི་གནད་དོན་ཅིག་ཨིན་པའི་ཁར་ ལྷག་པར་དུ་ཧི་མ་ལ་ཡའི་གངས་ལྗོངས་ཀྱི་རྒྱལ་ཁམས་ཚུ་ནང་དར་ཡོད་པའི་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་དང་འབྲེལ་བའི་ གནད་དོན་གལ་ཅན་ཨིནམ་མ་ཚད་ ད་རེས་ནངས་པ་ཡོངས་གྲགས་ཅན་གྱི་ ཆོས་སྐོར་དང་ཐ་སྙད་ཅིག་ལུ་གྱུར་ཏེ་འདུག། ལོ་རྒྱུས་དང་འཁྲིལ་བ་ཅིན་ བར་དོའི་གནད་དོན་འདི་ལུ་ གནས་དུས་ཀྱི་གནས་སྟངས་དང་འཁྲིལ་ འཕོ་འགྱུར་གྱི་རིམ་པ་ལེ་ཤ་བྱུང་ཡོདཔ་ལས་ ཁུངས་བཙན་ཞིབ་འཚོལ་འདི་ནང་ རྒྱ་གར་གྱི་གནའ་དུས་སུ་བྱུང་བའི་ རིག་བྱེད་དང་རིག་བྱེད་མཐའི་ (ཨུ་པ་ནི་ཥད་) གཞུང་དང་ བཀའ་བསྟན་ལ་སོགས་པ་ནང་པའི་རིག་གཞུང་དང་འབྲེལ་བའི་ ཁུངས་ཐུབ་ཀྱི་ཡིག་ཚུ་གི་ནང་དོན་དབྱེ་ཞིབ་ཐོག་ལས་ བར་དོའི་དགོངས་དོན་གྱི་འབྱུང་ཁུངས་དང་འཕེལ་རིམ་ཚུ་ དཔྱད་ཞིབ་འབད་དེ་ཡོད། སྤྱིར་བཏང་ རྒྱ་གར་གྱི་གནའ་དུས་ཀྱི་རིག་གཞུང་ནང་ བར་དོའི་རྣམ་གཞག་འདི་ ཁ་གསལ་སྦེ་གསལ་སྟོན་འབད་ཡོད་པའི་ བདེན་ཁུངས་ཚད་ལྡན་ཅིག་མེད་རུང་ ནང་པའི་རིག་གཞུང་གི་བཀའ་བསྟན་དང་ཡིག་ཆ་མང་རབས་ཅིག་གི་ནང་ བར་དོའི་རྣམ་གཞག་འདི་ རྒྱ་ཆེ་དྲགས་སྦེ་གསལ་སྟོན་འབད་དེ་ཡོད་པའི་ཁར་ ལྷག་པར་དུ་ གསང་སྔགས་རྡོ་རྗེ་ཐེག་པའི་ལམ་སྲོལ་ནང་ དུས་རབས་ལས་བཅད་དེ་ གནས་དུས་ཀྱི་གནས་སྟངས་དང་འཁྲིལ་ བར་དོའི་གོ་དོན་དང་རྣམ་གྲངས་ཚུ་རྒྱ་བསྐྱེད་འགྱོ་ཡོདཔ་མ་ཚད་ ཉམས་ལེན་གྱི་རྣམ་གཞག་ཚུ་གོང་འཕེལ་སོང་སྟེ་ ཧི་མ་ལ་ཡའི་གངས་ལྗོངས་ཀྱི་མི་སྡེ་ཚུ་གི་ ཆོས་དང་ལམ་སྲོལ་ནང་རྒྱ་ཆེ་དྲགས་སྦེ་འབྲེལ་བ་ཡོད་པའི་ གནད་དོན་ཅིག་ལུ་གྱུར་ཏེ་ཡོདཔ་ཤེས་ཚུགས་བས།

གཙོ་ཚིག། བར་དོ། འབྱུང་ཁུངས། འཕེལ་རིམ། རིག་བྱེད། ནང་པ། གསང་སྔགས།
ཚེ་རིང་དོན་གྲུབ། རིག་གཞུང་མཐོ་རིམ་སློབ་གྲྭ། Copyright (c) 2024 ཚེ་རིང་དོན་གྲུབ། རིག་གཞུང་མཐོ་རིམ་སློབ་གྲྭ། https://creativecommons.org/licenses/by/4.0/ 2024-06-24 2024-06-24 2 10.17102/rigzoedjournal.clcs.rub.2.003 ཨུམ་སྟོད་ཁའི་བོང་སྐོར་ལུ་དཔྱད་པ། http://journal.clcs.edu.bt/index.php/rj/article/view/85
“བོང་སྐོར་”ཟེར་མི་འདི་སྤུ་ན་ཁ་རྫོང་ཁག་ གླིང་མུ་ཁ་རྒེད་འོག་ གཡུས་སྟོད་ཁ་ལུ་ ལོ་བསྟར་བཞིན་དུ་གསོལ་སྲོལ་ཡོད་པའི་གསོལ་མཆོད་ཅིག་ལུ་སླབ་ཨིན་པས། གསོལ་མཆོད་འདི་གཡུས་གོ་འདི་ནང་ སྔོན་དང་ཕུ་ལས་དར་ཏེ་ཡོད་རུང་ ད་ལྟོ་ཚུན་ཚོད་ དེ་གི་སྐོར་ལས་ག་གིས་ཡང་ཞིབ་འཚོལ་འབད་འབདཝ་མེདཔ་མ་ཚད་ དུས་སྟོན་འདི་གི་སྐོར་ལས་ཤེས་མི་ གཡུས་གོ་འདི་ནང་གི་ ཕམ་རྒན་ཤོས་དག་པ་ཅིག་ལས་མིན་འདུག། རྒན་ཤོས་ལ་ལུ་ཅིག་ ལོ་ན་རྒས་ཡོདཔ་ལས་བུང་གིས་མ་ལྕོགས། ལ་ལུ་ཅིག་ལོ་རེ་བཞིན་དུ་ཚེ་ལས་འདས། ན་གཞོན་ཚུ་གིས་ དེ་གི་ཁུངས་དང་དགོས་པ་ བྱ་སྒོའི་རིམ་པ་ཚུ་མ་ཤེས་པར་ སྔོན་ལས་ཡོད་པའི་གསོལ་མཆོད་ཕུལ་ནིའི་ ལམ་སྲོལ་འདི་ཉམས་ཏེ་ མིང་ཙམ་ར་མེད་པར་འགྱོ་ནི་གི་ཉེན་ཁ་ཡོདཔ་ལས་ ལམ་སྲོལ་འདི་ཉམས་སྲུང་དང་གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ གཡུས་ཁའི་མི་ཚུ་དང་ འབྲེལ་བ་འཐབ་སྟེ་དྲི་བ་དྲིས་ལན་དང་ ཡིག་ཆ་ཚུ་དབྱེ་དཔྱད་འབད་ཐོག་ལས་ བསྡུ་ལེན་འབད་ཡོད་པའི་གནད་དོན་ཚུ་ དབྱེ་ཞིབ་འབད་བའི་སྐབས་ བོང་སྐོར་འདི་ ལོ་ཨ་རྟག་ར་ རང་ཟླ་༢ པའི་ཚེས་༡༥ ལས་ཚེས་༡༨ ཚུན་ གཡུས་གོ་ནང་ལུ་རྐྱེན་ངན་མི་འོང་ནི་དང་ ལོ་ཕྱུགས་རྟག་ཏུ་ལེགས་ནི་དོན་ལུ་ བརྩི་བསྲུང་ཞུཝ་ཨིན་མས། ཨིན་རུང་ བོང་སྐོར་དེ་ དུས་ནམ་ལས་བྱུང་ཡི་ག་ གི་སྐོར་ལས་ཁ་གསལ་ཅིག་ག་ནི་ཡང་ བཤད་སྲོལ་མེདཔ་མ་ཚད་ ཁུངས་བཏུགས་ཡིག་ཆ་ཡང་ག་ནེ་ཡང་མེད་རུང་ བོང་སྐོར་འདི་ ཞབས་དྲུང་མཚན་ལྡན་བདེ་བ་བྱོན་ཞིནམ་ལས་དར་ཡོདཔ་ཨིན་པའི་ཁུངས་དང་ བོན་དང་ནང་ཆོས་འདྲེས་མ་ལུ་གྱུར་ཡོད་པའི་ཁུངས་ཚུ་བཀོད་དེ་ཡོད། བོང་སྐོར་དང་འབྲེལ་བའི་ཞིབ་འཚོལ་དེ་གིས་ འབྲུག་གི་ངོ་རྟགས་ལམ་སྲོལ་མི་ཉམས་ནི་དང་ ད་ལྟོ་ཚུན་བོང་སྐོར་དེ་གི་ རྒྱབ་ཁུངས་མ་ཤེསཔ་ལུས་མི་ཚུ་དང་ཞིབ་འཚོལ་པ་ཚུ་ལུ་ཕན་ཐོག་ཚུགས།་

གཙོ་ཚིག། བོང་སྐོར། དུས་སྟོན། གསོལ་ཁ། གནས་བདག། དཔའ་བོ། ཨུམ་སྟོད་ཁ།
ཚེ་རིང་ཆོས་སྐྱིད། རིག་གཞུང་མཐོ་རིམ་སློབ་གྲྭ། Copyright (c) 2024 ཚེ་རིང་ཆོས་སྐྱིད། རིག་གཞུང་མཐོ་རིམ་སློབ་གྲྭ། https://creativecommons.org/licenses/by/4.0/ 2024-06-24 2024-06-24 2 10.17102/rigzoedjournal.clcs.rub.2.002 འབྲུག་ཏུ་སྙན་ངག་འཆད་ཉན་ཇི་ལྟར་དར་བའི་ལོ་རྒྱུས། http://journal.clcs.edu.bt/index.php/rj/article/view/86
བཅུད་དོན།

སྤྱིར་བཏང་སྙན་ངག་ནི་འཆད་རྩོད་རྩོམ་གསུམ་ལ་མེད་དུ་མི་རུང་བའི་རིག་པའི་གནས་གལ་ཅན་ཞིག་ཡིན་པ་ལ་བརྟེན་ནས་རྒྱ་གར་དང་བོད་དུ་མ་ཟད་འབྲུག་ཏུ་ཡང་འཆད་ཉན་གྱི་བསྟན་པ་དར་ཡོད་ཀྱང་འབྲུག་ཏུ་འཆད་ཉན་བསྟན་པ་ཇི་ལྟར་དར་བའི་ལོ་རྒྱུས་དེ་སྙན་ངག་སློབ་སྦྱོང་པ་དང་སློབ་སྟོན་པ་རྣམས་ཀྱིས་ཁ་གསལ་མ་ཤེས་པའི་དཀའ་ངལ་གྱིས་ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། གྲགས་སྲོལ་ལྟར་འབྲུག་ཏུ་སྔོན་བོན་གྱི་བསྟན་པ་དར་བའི་སྐབས་སྙན་ངག་འཆད་ཉན་བྱུང་བའི་ལོ་རྒྱུས་མེད་ཀྱང་ནང་ཆོས་ཀྱི་བསྟན་པ་དར་བའི་སྐབས་སྙན་ངག་འཆད་ཉན་དར་བའི་ལོ་རྒྱུས་རྣམས་གོང་གི་དཀའ་ངལ་དེ་བསལ་ཐབས་སུ་དམིགས་ཏེ་ཁུངས་བཙུན་ཐབས་ལམ་ལག་ལེན་གྱིས་སྒོ་ནས་གཙོ་བོ་སྔོན་གྱི་རྒྱལ་རབས། ཆོས་འབྱུང་དང་རྣམ་ཐར་སོགས་འབྲེལ་ཡོད་ཀྱི་ཡིག་ཆ་ཁུངས་གཏུགས་དང་རིམ་སྒྲིག་ཆ་ཙམ་གྱི་དྲིས་ལན་ཐོག་དབྱེ་དཔྱད་བྱས་ཡོད། དབྱེ་དཔྱད་ཀྱི་གྲུབ་འབྲས་དང་བསྟུན་ན་འབྲུག་ཏུ་སྙན་ངག་འཆད་ཉན་དེ་ཡང་ཐོག་མར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་བུམ་ཐང་མཐར་པ་གླིང་དུ་གནང་ཡོད་པའི་ལོ་རྒྱུས་དང་འཆད་ཉན་གཉིས་པ་ཞབས་དྲུང་ངག་དབང་རྣམ་རྒྱལ། འཆད་ཉན་གསུམ་པ་སྡེ་སྲིད་དགུ་པ་ངག་དབང་རྒྱ་མཚོ་མཆོག་གིས་གནང་བ་ནས་བཟུང་འཆད་ཉན་གྱི་བསྟན་པ་ཤུགས་ཆེ་རུ་དར་ཡོད་པའི་ལོ་རྒྱུས་དེས་སྤྱིར་འབྲུག་གི་རིག་གཞུང་དང་ལྷག་པར་དུ་སྙན་ངག་སློབ་སྟོན་པ་དང་སློབ་སྦྱོང་པ་རྣམས་ལ་ཕན་ཐོག་པའི་རེ་སྨོན་ལགས་སོ། །

གཙོ་ཚིག། སྙན་ངག། འབྲུག། རིག་གཞུང་། རིག་གནས། འཆད་ཉན།
འཕྲིན་ལས་རྒྱལ་མཚན། རིག་གཞུང་མཐོ་རིམ་སློབ་གྲྭ། Copyright (c) 2024 འཕྲིན་ལས་རྒྱལ་མཚན། རིག་གཞུང་མཐོ་རིམ་སློབ་གྲྭ། https://creativecommons.org/licenses/by/4.0/ 2024-06-24 2024-06-24 2 10.17102/rigzoedjournal.clcs.rub.2.001