Submissions

This journal is not accepting submissions at this time.

Submission Preparation Checklist

As part of the submission process, authors are required to check off their submission's compliance with all of the following items, and submissions may be returned to authors that do not adhere to these guidelines.
  • རྩོམ་ཤོག་འདི་ ཧེ་མ་ག་ཏི་ལུ་ཡང་པར་སྐྲུན་འབད་དེ་མེདཔ་མ་ཚད་ ཆ་འཇོག་དོན་ལུ་དུས་དེབ་གཞན་གྱི་ནང་ལུ་ཡང་སྤྲོད་དེ་མེད། (ཡང་ན་ བསམ་བཀོད་ཐོག་ཞུན་དག་པ་ལུ་འགྲེལ་བཤད་འབད་དེ་མེདཔ།)
  • རྩོམ་ཤོག་ ཟུར་བཞི་ག་ར་ལུ་ཚད་གཞི་ཨིན་ཅི་རེ་ཡོད་པའི་ བསྒྱུར་བཅོས་རྐྱབ་བཏུབ་པའི་ གློག་ཡིག་ཡིག་ཆ་ནང་ཡོད།
  • གོ་སྐབས་ཡོད་ས་ལུ་ རྒྱབ་རྟེན་གྱི་དོན་ལུ་ཡོངས་འབྲེལ་ཁ་བྱང་ཚུ་བྱིན་དེ་ཡོད།
  • • རྩོམ་ཡིག་འདི་ ས་སྟོང་ ༡.༠ ཌི་ཌི་སི་ དབུ་ཅན་ ༡༢ འོག་ཐིག་མེན་པར་གུག་ཡིག་ཅན་(ཡོངས་འབྲེལ་ཁ་བྱང་མ་གཏོགས་)དང་ རིས་མོ་ པར་རིས་ ཐིག་ཁྲམ་ལ་སོགས་པ་ཚུ་ ཚིག་ཡིག་མཇུག་ལུ་མེན་པར་ ཚིག་ཡིག་ནང་འཁོད་འོས་འབབ་དང་བསྟུན་བཀོད་དེ་ཡོད།
  • རྩོམ་ཤོག་འདི་ དོན་ཚན་གདོང་ཤོག་ བཅུད་དོན་ ཐིག་ཁྲམ་ པར་རིས་ རྒྱབ་རྟེན་དང་ རྩོམ་པ་པོའི་ལོ་རྒྱུས་ཚུ་མ་རྩིས་བར་ ཚིག་འབྲུ་ ༥༥༠༠-༦༠༠༠ ནང་འཁོད་དང་ བཅུད་དོན་ ཚིག་འབྲུ་ ༢༥༠- ༣༠༠ ནང་འཁོད་ཡོད།
  • ཚིག་ཡིག་ཚུ་ རྩོམ་ཤོག་གི་ལམ་སྟོན་ནང་བཀོད་ཡོད་པའི་ བཟོ་བཀོད་དང་རྒྱབ་རྟེན་ལམ་སྟོན་འཁྲིལ་ཡོད།
  • ང་གི་རྩོམ་ཤོག་གི་པར་དབང་འདི་ རིག་མཛོད་དུས་དེབ་ལུ་སྤྲོདཔ་ཨིན།

Author Guidelines

གལ་སྲིད་ རིག་མཛོད་དུས་ནང་ལུ་  པར་བསྐྲུན་འབད་ནིའི་དོན་ལུ་ རྩོམ་ཤོག་བསྐྱལ་ནི་ཨིན་པ་ཅིན་  རིག་མཛོད་དུས་དེབ་ཀྱི་ཡོངས་འབྲེལ་འཆར་སྒོའི་ནང་

ལུ་ ཐོ་བཀོད་འབད་དེ་ རྩོམ་ཤོག་ཚུ་བསྐྱལ་དགོ། ཐོ་བཀོད་འབད་ཐངས་འདི་ཡང་ ཁ་གསལ་གཤམ་ལུ་བཀོད་དེ་ཡོད།

༡ ཐོ་བཀོད་ འཕྲུལ་རྟ་གུར་ཨེབ་ནི། 

༢  ས་སྟོང་ཚུ་བསུབ་ནི། 

༣ ཁ་ཚིག་དང་གནས་ཚིག་ཚུ་རྟགས་བཀལ་དགོ། 

༤ ཐོ་བཀོད་ཀྱི་ འཕྲུལ་རྟག་གུར་ཨེབ་དགོ།

༥  དེ་ལས་ཁྱོད་རའི་ སྤྱོད་མིང་དང་གསང་ཨང་ཚུ་བཙུག་ཐོག་ལས་ ནང་ན་འཛུལ་ཏེ་ རྩོམ་ཤོག་འདི་བསྐྱལ་དགོ། 

 

Articles

Section default policy

Privacy Statement

སྒེར་དབང་གི་ངག་བརྗོད།

དུས་དེབ་འདི་ནང་བཙུགས་ཡོད་པའི་ མིང་དང་ཡོངས་འབྲེལ་ཁ་བྱང་ཚུ་ གོང་ལུ་དུས་དེབ་འདི་གི་དགོས་དོན་ནང་བཀོད་མི་རྐྱངམ་གཅིག་ལུ་ལག་ལེན་འཐབ་ནི་མ་གཏོགས་ དགོས་མཁོ་གཞན་དང་ ཡང་ན་སྡེ་ཚན་གཞན་ག་ཅི་གི་དོན་ལུ་ཡང་ལག་ལེན་མི་འཐབ།

 

རྩོམ་པ་པོའི་བདག་དབང་དང་ཕན་འདེབས་འབད་མིའི་ལམ་ལུགས།

རྩོམ་ཤོག་ནང་བཀོད་ཡོད་པའི་ ནང་དོན་གྱི་འགན་ཁག་ཧྲིལ་བུམ་རྩོམ་པ་པོའམ་ རྩོམ་པ་པོ་ཚུ་གིས་འབག་དགོཔ་ལས་ རྩོམ་པ་པོའི་ཚད་གཞི་ཚང་མི་ མི་ངོམ་རྐྱངམ་གཅིག་ རྩོམ་ཤོག་ནང་རྩོམ་པ་པོ་སྦེ་ཐོ་བཀོད་འབད་དགོཔ་ཨིན། 

  • དེ་ཡང་ཞིབ་འཚོལ་གྱི་འཆར་སྣང་། བཟོ་བཀོད། ལག་ལེན། གནད་སྡུད་བསྡུ་ལེན། ཡང་ཅིན་གནད་སྡུད་དབྱེ་དཔྱད་ཚུ་ནང་གལ་གནད་ཅན་གྱི་ཕན་འདེབས་ཡོད་མི་དང་།
  • རྩོམ་ཤོག་ཟིན་བྲིས་བཏབ་ནི། ཡང་ཅིན་ཤེས་ཡོན་གྱི་ནང་དོན་གལ་ཅན་གྱི་དོན་ལུ་ དཔྱད་ཞིབ་ཅན་གྱི་བསྐྱར་ཞིབ་འབད་ཡོད་མི་དང་། 
  • མཐའ་དཔྱད་རྩོམ་ཤོག་གཟིགས་རྟོག་འབད་དེ་ངོས་ལེན་དང་ པར་སྐྲུན་གྱི་དོན་ལུ་ངོ་སྦྱོར་འབད་ཡོདཔ།
  • རྩོམ་ཤོག་གི་དོན་ལུ་ དཔེར་ན་ འཕྲུལ་ཆས་ཀྱི་གྲོགས་རམ་ བྲི་ནི་དང་ཞུན་དག་གི་རྒྱབ་སྐྱོར་དང་ སྤྱིར་བཏང་གི་ཆ་རོགས་ལ་སོགས་པའི་ ཕན་འདེབས་ཚུ་འབད་ཡོད་རུང་ རྩོམ་པ་པོའི་ཚད་གཞི་མ་ཚང་མི་ཚུ་ རྩོམ་པ་པོ་སྦེ་ཐོ་བཀོད་འབད་ནི་མི་འོང་། ཨིན་རུང་ མི་ངོམ་དེ་ལས་ཡིག་ཐོག་གི་གནང་བ་ལེན་ཏེ་ ངོ་སྦྱོར་གྱི་དོན་ཚན་ནང་ངོ་སྦྱོར་འབད་དགོ །
  • གོང་གི་འགྲེལ་བཤད་དང་འཁྲིལ་ རྩོམ་པ་པོ་གཙོ་བོ་གིས་ འོས་འབབ་ཡོད་པའི་མཉམ་འབྲེལ་གྱི་རྩོམ་པ་པོ་ཚུ་མ་གཏོགས་ འོས་འབབ་མེད་པའི་མཉམ་འབྲེལ་གྱི་རྩོམ་པ་པོ་ཚུ་ཐོ་བཀོད་འབད་ནི་མི་འོང་། དེ་ཡང་མཉམ་འབྲེལ་རྩོམ་པ་པོ་ཚུ་གིས་ རྩོམ་ཤོག་དེ་བལྟ་ཞིནམ་ལས་པར་སྐྲུན་གྱི་དོན་ལུ་ཞལ་འཆམ་ཡོད་མེད་བདེན་དཔྱད་འབད་དགོ །