དབུ་མ་ཐལ་རང་གི་ཐ་སྙད་ལ་དཔྱད་པ།

Authors

  • བཀྲ་ཤིས་ཕུན་ཚོགས།

DOI:

https://doi.org/10.17102/rigzoedjournal.clcs.rub.1.001

Keywords:

དབུ་མ། ལེགས་ལྡན་བྱེད། ཟླ་བ་གྲགས་པ། ཐལ་འགྱུར་པ། རང་རྒྱུད་པ།

Abstract

འདི་ནི་དབུ་མ་པ་ལ་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་པ་ཞེས་པའི་ཐ་སྙད་དེ་ཇི་ལྟར་བྱུང་ཡོད་མེད་དཔྱད་པའི་རྩོམ་ཡིག་ཞིག་ཡིན། ཐ་སྙད་དེ་གཉིས་ཐོག་མར་གསུང་པ་པོ་སུ་ཡིན་ཁ་གསལ་ཞིག་མེད་པ་ལ་བརྟེན་ནས། ཁོ་བོས་འདི་གཉིས་ཀྱི་ཐ་སྙད་དུས་ཇི་ཙམ་ནས་དར་ཡོད་མེད་གཙོ་བོ་དཔེ་བསྡུར་ཞིབ་འཚོལ་གྱི་ཐོག་ཁུངས་བཙུན་ཐབས་ལམ་ཐོག་འགྲེལ་བཤད་ཞིབ་འཚོལ་བྱེད་ཡོད་པའི་ཞིབ་འཚོལ་གྲུབ་འབྲས་སྙན་ཞུ་ཡིན། དེ་ལ་གཙོ་བོ་རྒྱ་གར་གྱི་མཁས་པ་དང་། བཀའ་གདམས་པའི་དགེ་བཤེས་རྣམས་ཀྱིས་མཛད་པའི་དབུ་མའི་གཞུང་ལུགས་རྣམས་སུ་དབུ་མ་པའི་ཐ་སྙད་ཇི་ལྟར་གསལ་ཡོད་མེད་དཔེ་བསྡུར་ཐོག་གནས་སྡུད་རྣམས་བསྡུ་བསྒྲིགས་བྱས་པ་དང་། དེ་དག་གི་ཚིག་དོན་ལ་དོགས་པ་ཡོད་པ་དང་གསལ་ཁ་མེད་པ་རྣམས་ཟིན་བྲིས་བཀོད་དེ་མཁས་དབང་དང་ མཁན་པོ་རྣམས་ལ་རིམ་སྒྲིག་མེད་པའི་དྲི་བ་དྲིས་ལན་བགྱིས་ཏེ་ གནས་སྡུད་བསྐྱར་ཞིབ་བྱས་ཡོད་ཅིང་། གནས་སྡུད་དེ་རྣམས་དཔྱད་ཞིབ་བྱས་ཡོད་པའི་གྲུབ་འབྲས་ལྟར་ན། དེ་ལ་རང་རྒྱུད་པ་ཞེས་པའི་ཐ་སྙད་ནི་ ཁ་ཆེའི་པན་ཌི་ཏ་ཆེན་པོ་ ཛ་ཡ་ཨཱ་ནན་ཏས་དབུ་མ་ལ་འཇུག་པའི་འགྲེལ་བཤད་ནང་ཟུར་ཙམ་བཀོད་འདུག་ལ། ཐལ་འགྱུར་པ་ཞེས་པའི་ཐ་སྙད་ནི་པ་ཚབ་སྔོན་གྱི་མཁས་པ་ཚོས་གསུངས་པའི་དཔེ་དེབ་གཅིག་ཀྱང་རྙེད་མ་ཐུབ། དེས་ན་པ་ཚབ་ལོ་ཙཱ་བའི་དུས་ཙམ་ལ་ཐ་སྙད་དེ་གཉིས་དར་ཡོད་པར་གསལ་ཐུབ། འོན་ཀྱང་ཐ་སྙད་དེ་གཉིས་འདོགས་པའི་བརྡ་མཁན་པོ་ནི་སུ་ཡིན་ད་དུང་རྙེད་མེད། ཐ་སྙད་འདི་གཉིས་མ་གྲགས་པའི་སྔོན་དུ་དབུ་མ་པ་ལ། མདོ་སྡེ་སྤྱོད་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་པ་ལ་སོགས་པའི་ཐ་སྙད་རྣམས་དར་འདུག་ཅིང་། ཕྱིས་སུ་ས་དགེ་བཀའ་རྙིང་ལ་སོགས་པའི་མཁས་པ་སོ་སོས་དབུ་མའི་གཞུང་རྣམས་སུ་ཐལ་རང་ཞེས་ཐ་སྙད་དེ་གཉིས་ཡོངས་སུ་གྲགས་པ་བྱུང་འདུག་ལ། མཁས་པ་རང་རང་སོ་སོས་ ཐལ་འགྱུར་པ་དང་རང་རྒྱུད་པའི་ཐ་སྙད་འདི་འདོགས་པའི་གཞི་ལའང་རྣམ་གཞག་མི་འདྲ་སྣ་ཚོགས་པ་ཅིག་བྱས་པ་ནས་ཐ་སྙད་དེའི་དར་ཆེ་རུ་གྱུར་པ་ཡོད་ཞིག་རེ་འདུག། 

Downloads

Published

2023-06-18

How to Cite

བཀྲ་ཤིས་ཕུན་ཚོགས།. (2023). དབུ་མ་ཐལ་རང་གི་ཐ་སྙད་ལ་དཔྱད་པ། . Rig-Mdzod Dus-Deb, 1, Pages 1–13. https://doi.org/10.17102/rigzoedjournal.clcs.rub.1.001