རྫོང་ཁའི་བྱ་ཚིག་ལས་གྲུབ་པའི་མིང་ལུ་དཔྱད་པ།
DOI:
https://doi.org/10.17102/rigzoedjournal.clcs.rub.1.002Keywords:
བྱ་ཚིག། མིང་། དུས་གསུམ། དངོས་པོ་བདག། དངོས་པོ་གཞན།Abstract
འབྲུག་རྒྱལ་ཡོངས་རྫོང་ཁ་གོང་འཕེལ་ལུ་དམིགས་ཏེ་བྲིས་ཡོད་པའི་ རྫོང་ཁའི་ནང་བྱ་ཚིག་ལས་གྲུབ་པའི་མིང་ལུ་ དཔྱད་པ་ཟེར་མི་རྩོམ་ཤོག་འདི་ནང་ བོད་འབྲུག་གི་སྔ་ཕྱིའི་མཁས་པ་ཚུ་གིས་ གསུངས་ཡོད་མི་མིང་གྲུབ་ཚུལ་དང་ དཔེ་རྙིང་ཚུ་ག་བསྡུར་རྐྱབ་ཏེ་ ཞིབ་འཚོལ་འབད་ཡོདཔ་མ་ཚད་ འབྲུག་གཞུང་ཤེས་རིག་ལྷན་ཁག་གིས་ བཟོ་སྟེ་ཡོད་མི་རྫོང་ཁའི་སློབ་དེབ་ཚུ་ལུ་ཡང་ དབྱེ་ཞིབ་མཐིལ་ཕྱིན་འབད་དེ་ བྱ་བའི་མིང་ཚུ་ དུས་གསུམ་ག་ཅི་ལས་གྲུབ་ཨིན་ན་ གསལ་ཁ་བསྟན་ཏེ་བྲིས་ཡོདཔ་ཨིན། དེ་བཟུམ་སྦེ་ དངོས་པོ་བདག་དང་འབྲེལ་བ་གཙོ་བོར་བསྟན་པའི་མིང་གྲུབ་ཚུལ་དང་། དངོས་པོ་གཞན་དང་འབྲེལ་བ་གཙོ་བོར་བསྟན་པའི་མིང་གྲུབ་ཚུལ། བྱ་བའི་ངོ་བོ་གཙོར་བསྟན་གྱི་མིང་གྲུབ་ཚུལ། ལས་ཀྱི་དངོས་པོ་གཙོ་བོར་བསྟན་པའི་མིང་གྲུབ་ཚུལ། བྱས་འབྲས་གཙོ་བོར་བསྟན་པའི་མིང་གྲུབ་ཚུལ། མིང་མཐའ་ཞུགས་མ་ཞུགས་ཀྱི་སྒོ་ལས་ བྱ་ཚིག་མིང་སྦེ་གྲུབ་ཚུལ་ཚུ་གི་སྐོར་ལས་དབྱེ་དཔྱད་འབད་ཡི། དཔྱད་རྩོམ་འདི་འབྲི་དགོ་མི་འདི་ཡང་གཙོ་བོ་ར་ དུས་ཀྱི་འཕོ་བསྒྱུར་དང་བསྟུན་ རྫོང་ཁའི་སྐད་ཡིག་ལྷབ་སྦྱང་འབད་མི་ཚུ་གིས་ མིང་ཚིག་འདི་ལུ་དབྱེ་བ་མ་ཕྱེ་བར་ ཡི་གུའི་སྡེབ་སྦྱོར་ཚུ་ཡང་ཕྱི་འགྱུར་སྦེ་ལག་ལེན་འཐབ་དོ་ཡོདཔ་ལས་ དེ་གི་དཀའ་ངལ་ཚུ་བསལ་ཚུགས་པའི་རེ་བ་བསྐྱེད་དེ་བྲིས་ཡོདཔ་ཨིན།