བཀྲ་ཤིས་སྒང་རྫོང་ཁག་ཨུ་རྫོ་རོང་རྒེད་འོག་ནང་ལུ་ས་ཉེན་གྱིི་ཉིནམ་བརྩི་སྲུང་ཞུ་སྲོལ།

Authors

  • ལས་སྐྱིད་ཆོས་སྒྲོན།
  • བསོད་ནམས་བཟང་པོ།

DOI:

https://doi.org/10.17102/rigzoedjournal.clcs.rub.1.005

Keywords:

ས་ཉེན། ས་གཞི། ལོ་ཐོག། གནོད་པ། ཉེན་ཁ། ལམ་སྲོལ།

Abstract

ས་གཉེན་གྱི་ཉིནམ་འདི་ བཀྲ་ཤིས་སྒང་རྫོང་ཁག་ ཨུ་རྫོ་རོང་རྒེད་འོག་གི་གཡུས་ཚན་ཁག་ཚུ་ནང་ ལོ་བསྟར་རང་ཟླ་༦ པའི་ཚེས་༡༨ ལུ་བརྩི་སྲུང་ཞུ་སྲོལ་འདུག། དེ་ཡང་གནམ་བྱཱར་གྱི་སྐབས་འབུབ་སྲིན་འཐོ་པའི་དུས་ཚོད་འབདཝ་ལས་ ཞིང་ནང་ལཱ་མ་འབད་བར་ བརྩི་སྲུང་འབད་བའི་ཉིནམ་ཅིག་ཨིན་པས། ཨིན་རུང་ འདིའི་སྐོར་ལས་ ད་ཚུན་གྱི་བར་ན་ ཞིབ་འཚོལ་འབད་དེ་ ཡིག་ཐོག་ལུ་ཆེནམོ་ཅིག་བཀོད་དེ་མིན་འདུག། ཞིབ་འཚོལ་ཐབས་ལམ་ཡང་ ཁུངས་བཙན་ཐབས་ལམ་ལས་ རིམ་སྒྲིག་ཆ་ཙམ་གྱི་དྲི་བ་དྲིས་ལན་ ལག་ལེན་འཐབ་སྟེ་ ཞིབ་འཚོལ་འབད་ཡི། ཞིབ་འཚོལ་གྲུབ་འབྲས་དང་བསྟུནམ་ད་ ཉིནམ་འདི་གནམ་བྱཱར་ ལོ་ཐོག་སྐྱེ་བའི་དུས་ཚོད་ལུ་ སྡིག་པ་ལུ་འཛེམས་ཏེ་ ཉིནམ་གཅིག་གི་རིང་ལུ་ སོ་ནམ་གྱི་ལཱ་ ས་བརྐོ་རྡོ་སློག་ཚུ་མ་འབད་བར་ འཛེམས་སྡོད་པའི་ཚུལ་ཨིན་པས། དེ་སྦེ་སྡོད་དགོ་མི་དེ་ཡང་ ལོ་ཐོག་ལེགས་ནིའི་དོན་ལུ་ བརྩི་སྲུང་ཞུཝ་ཨིན་པའི་མངོན་གསལ་བྱུང་ཡོད། ཞིབ་འཚོལ་འདི་ གཡུས་སྒོའི་ལམ་སྲོལ་ཉམས་སྲུང་གི་དོན་ལུ་དམིགས་ཏེ་ ཞིབ་འཚོལ་འབད་དེ་ཡོད། ཤུལ་ལས་ཞིབ་འཚོལ་གྱི་དོན་ཚན་འདིའི་ཐོག་ལུ་ གཡུས་ཚན་གཞན་ཁར་བརྩི་སྲུང་ཞུ་སྲོལ་ཡོད་མི་དང་ག་བསྡུར་འབད་དེ་ ཞིབ་འཚོལ་འབད་ནིའི་གོ་སྐབས་ཡོདཔ་ཨིན།

Downloads

Published

2023-06-18

How to Cite

ལས་སྐྱིད་ཆོས་སྒྲོན།, & བསོད་ནམས་བཟང་པོ།. (2023). བཀྲ་ཤིས་སྒང་རྫོང་ཁག་ཨུ་རྫོ་རོང་རྒེད་འོག་ནང་ལུ་ས་ཉེན་གྱིི་ཉིནམ་བརྩི་སྲུང་ཞུ་སྲོལ།. Rig-Mdzod Dus-Deb, 1, Pages 62–75. https://doi.org/10.17102/rigzoedjournal.clcs.rub.1.005