ཀུན་ལེགས་དབང་ཕྱུག། སློབ་རིམ་༡༢ པའི་སློབ་ཕྲུག་གིས་རྫོང་ཁའི་རྩོད་གླེང་འབྲི་རྩོམ་འབྲི་ཐངས་ལུ་དཔྱད་པ།

Authors

  • ཀུན་ལེགས་དབང་ཕྱུག། College of Culture and Language Studies
  • འཇིགས་མེད་རྡོ་རྗེ། RUB

DOI:

https://doi.org/10.17102/rigzoedjournal.clcs.rub.4.001

Abstract

བཅུད་དོན།

ད་ལྟོ་ཚུན་ རྫོང་ཁའི་ཐོག་ལུ་ རྩོད་གླེང་འབྲི་རྩོམ་གྱི་སྐོར་ལས་ ཡིག་ཐོག་ལུ་ཞིབ་འཚོལ་འབད་དེ་ བྲིས་བྲིསཝ་མེད་པའི་ཁར་ ལྷག་པར་ སློབ་རིམ་༡༢ པའི་ སློབ་ཕྲུག་ཚུ་ལུ་ རྩོད་གླེང་འབྲི་རྩོམ་བྲི་ནིའི་ནང་ དཀའ་ངལ་ཡོད་མི་ལུ་གཞི་བཞག་སྟེ་ ཞིབ་འཚོལ་འབད་དེ་ཡོད། ཞིབ་འཚོལ་ནང་ སློབ་གྲྭ་ཁག་གསུམ་ལས་ སློབ་ཕྲུག་༤༥ གིས་བྲིས་ཡོད་པའི་ འབྲི་རྩོམ་ཚུ་ ཊོལ་མིན་གྱི་དཔེ་རིས་ (Toulmin Model) དང་ ཨེ་རིསི་ཊོ་ཊལ་གྱི་ཚིག་དོན་བཤད་ཐངས་ (Aristotle’s Rhetorical Triangle) དེ་ལས་ ཚིག་སྦྱོར་འབྲེལ་ཚིག་ཚུ་ལུ་གཞི་བཞག་སྟེ་ ཐབས་ལམ་སྤེལ་མའི་ཐོག་ལས་ བསྡུ་ལེན་འབད་ཡོད་པའི་ གྲུབ་འབྲས་དེ་ཡང་ སློབ་དཔོན་དང་སློབ་ཕྲུག་ཚུ་གིས་ འབྲི་རྩོམ་སྤྱིར་བཏང་གི་ ཁྱད་རྣམ་ཚུ་ཤེས་རུང་ གཞན་གྱི་བསམ་ཚུལ་ལུ་ དགག་པ་རྐྱབ་ནི་དང་ གནས་སྡུད་བཀོད་ནི་ཚུ་ ལཱ་ཁག་ཡོདཔ་སྦེ་ཐོན་ཡི། དེའི་ཁར་ ཊོལ་མིན་གྱི་ཆ་ཤས་དྲུག་ལས་ བདེན་བཤད་གཅིག་མ་གཏོགས་ གཞན་ཚུ་བཀོད་མ་ཚུགས་པའི་དཀའ་ངལ་དང་ ཨེ་རིསི་ཊོ་ཊལ་གྱི་ ཚིག་དོན་བཤད་ཐངས་ཚུ་ ལག་ལེན་འཐབ་མ་ཚུགས་པའི་ གནད་དོན་ཚུ་ཐོན་ཡི། ཨིན་རུང་ སློབ་ཕྲུག་བརྒྱ་ཆ་ལས་༨༠ ལྷག་ཙམ་གྱིས་ ཚིག་སྦྱོར་འབྲེལ་ཚིག་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགས་པའི་མངོན་གསལ་བྱུང་ཡི། རྩ་གཞུང་ནང་ རྩོད་གླེང་འབྲི་རྩོམ་གྱི་ལམ་སྟོན་དང་ སྒྲིག་བཀོད་གསལ་ཏོག་ཏོ་མེདཔ་ལས་བརྟེན་ སློབ་སྟོན་ན་གདོང་ལེན་ཡོདཔ་ལས་ མ་འོངས་པ་ལུ་ སློབ་སྟོན་དང་དབྱེ་ཞིབ་ཀྱི་ཐབས་བྱུས་ཚུ་ བསྒྱུར་བཅོས་འབད་དགོ་པའི་ གྲོས་འཆར་དང་ མ་འོངས་ཞིབ་འཚོལ་པའི་ ལམ་སྟོན་ཚུ་ཡང་བཀོད་དེ་ཡོད།

གཙོ་ཚིག། རྩོད་གླེང་འབྲི་རྩོམ། ཊོལ་མིན་གྱི་དཔེ་རིས། ཚིག་དོན་བཤད་ཐངས། ཚིག་སྦྱོར་འབྲེལ་ཚིག། དགག་པ།  

Downloads

Published

02-06-2026

How to Cite

ཀུན་ལེགས་དབང་ཕྱུག།, & འཇིགས་མེད་རྡོ་རྗེ།. (2026). ཀུན་ལེགས་དབང་ཕྱུག། སློབ་རིམ་༡༢ པའི་སློབ་ཕྲུག་གིས་རྫོང་ཁའི་རྩོད་གླེང་འབྲི་རྩོམ་འབྲི་ཐངས་ལུ་དཔྱད་པ།. Rig-Mdzod Dus-Deb, 4(4). https://doi.org/10.17102/rigzoedjournal.clcs.rub.4.001