ནག་ཚང་པའི་གུང་ལྷའི་གསོལ་མཆོད་ཀྱི་ལོ་རྒྱུས་དང་འགྱུར་བ།

Authors

  • སེངྒེ་དབང་ཕྱུག།

DOI:

https://doi.org/10.17102/rigzoedjournal.clcs.rub.4.003

Abstract

བཅུད་དོན།

ནག་ཚང་པའི་གུང་ལྷ་ཟེར་མི་འདི་ བཀྲ་ཤིས་གཡང་རྩེ་ རྒེད་འོག་སྟོང་མི་བྱང་སའི་གཡུས་ཚན་རྟོག་ཀ་ཕུག་དང་ཐོང་ཁར་ཚུ་གིས་བསྟེན་མི་ གུང་ལྷ་དཀར་པོ་འདི་ལུ་སླབ་ཨིན་པས། གུང་ལྷའི་གསོལ་མཆོད་འདི་ཧེ་མ་ལས་དར་ཏེ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ཉམས་ཆགས་བྱུང་སྟེ་ཡོད་པའི་ཁར་ དེ་གི་འབྱུང་ཁུངས་དང་ དགོས་པ། བྱ་སྒོའི་རིམ་པ་ཚུ་ ད་རེས་ནངས་པའི་ན་གཞོན་ཆ་ཁྱབ་ཀྱིས་ཡང་ ཧ་མི་གོ་དོ་ཡོདཔ་མ་ཚད་ ལམ་སྲོལ་དེའི་སྐོར་ལས་ཧེ་མ་ཞིབ་འཚོལ་འབད་འབདཝ་ཡང་མེདཔ་ལས་ ལྷ་གསོལ་དེའི་སྐོར་ལས་ཞིབ་འཚོལ་འབད་དགོ་པའི་གནས་དོན་ཅིག་ལུ་གྱུར་ཏེ་འདུག། དེ་འབདཝ་ལས་ ཁུངས་བཙན་ཐབས་ལམ་ལག་ལེན་འཐབ་སྟེ་ རྒྱལ་ཁབ་ཀྱི་ངོ་རྟགས་ཉམས་བསྲུང་འབད་ནིའི་དོན་ལུ་ ལྷ་གསོལ་འདི་གི་སྐོར་ལས་ཤེས་མི་ རྒན་ཤོས་ཚུ་དང་གུང་ལྷ་གསོལ་མི་ མི་ངོམ་ཚུ་དང་འབྱུང་རབས་དང་ཞིབ་འཚོལ་རྩོམ་ཤོག་ཚུ་ལས་ གནས་དོན་བསྡུ་ལེན་འབད་དེ་ཡོདཔ་ཨིན། གཡུས་སྒོ་འདི་ནང་ལུ་ གུང་ལྷ་གསོལ་ནི་གི་སྲོལ་འདི་ཡང་ ཧེ་མ་བོད་ལས་ གྲི་འགུམ་ཙན་པོའི་སྲས་དང་སྲསམོ་འཁོར་དང་བཅས་པ་གཡུས་སྒོ་འདི་ནང་ལུ་བྱོན་ཏེ་གདན་ས་ཆགས་ དེ་ལས་བོན་དང་འབྲེལ་བའི་ལྷ་གསོལ་དང་ཀླུ་གསོལ། བསང་དང་གསུར་གཏང་ནི། གུང་ལྷ་གསོལ་ནི་ལ་སོགས་པ་ཚུ་དརཝ་དང་གཅིག་ཁར་དར་ཡོདཔ་མ་ཚད་ དེའི་བརྒྱུད་པ་གིས་ གཡུས་སྒོ་གཞན་གྱི་ནང་ལུ་ཡང་ གུང་ལྷ་དང་སྒ་བཟང་ལ་སོགས་པ་དར་ཡོད་པའི་ལོ་རྒྱུས་གཤམ་གྱི་རྩོམ་ཤོག་ནང་ལུ་ཁ་གསལ་སྦེ་བཀོད་དེ་ཡོད།

 

 

Downloads

Published

02-06-2026

How to Cite

སེངྒེ་དབང་ཕྱུག།. (2026). ནག་ཚང་པའི་གུང་ལྷའི་གསོལ་མཆོད་ཀྱི་ལོ་རྒྱུས་དང་འགྱུར་བ། . Rig-Mdzod Dus-Deb, 4(4). https://doi.org/10.17102/rigzoedjournal.clcs.rub.4.003