རྐྱེན་གྱི་ཡི་གུ་དབུ་ཁྱུད་དམ་མགོ་རྒྱན་གྱི་འབྱུང་རབས་དང་དེའི་འགྱུར་བ།

Authors

  • འཕྲིན་ལས་རྒྱལ་མཚན།

DOI:

https://doi.org/10.17102/rigzoedjournal.clcs.rub.3.005

Abstract

བཅུད་དོན།

དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བྱོན་ཞིནམ་ལས་ཚུར་ བཀའ་དང་བསྟན་བཅོས་བཞེངས་པའི་སྐབས་ བོད་ལུ་རྒྱ་རིམ་པ་བདུན་ལག་ལེན་འཐབ་སྲོལ་དར་ཡོདཔ་མ་ཚད་ ང་བཅས་རའི་འབྲུག་ལུ་ཡང་རྒྱ་རིམ་པ་བདུན་ལག་ལེན་འཐབ་སྲོལ་བྱུང་ནུག། དོན་ཚན་དེའི་ཐོག་ལུ་ཞིབ་འཚོལ་འབད་དགོ་པའི་གནད་དོན་གཙོ་བོ་ར་ སྤྱིར་བཏང་སྐད་ཡིག་སློབ་སྟོན་དང་སློབ་སྦྱོང་འབད་མི་ཚུ་གིས་རྒྱ་རིམ་པ་བདུན་གྱི་འབྱུང་ཁུངས་དང་དགོས་པ་ཚུ་ཤེས་དགོཔ་ཨིན་རུང་ རྒྱ་རིམ་པ་བདུན་གྱི་ནང་གསེས་ རྐྱེན་གྱི་ཡི་གུ་ “དབུ་ཁྱུད་དམ་ཡིག་མགོའི་” འབྱུང་རབས་དང་དེ་ལག་ལེན་འཐབ་དགོ་པའི་རྒྱུ་མཚན། དེ་གི་མཚོན་ཚུལ་གྱི་སྐོར་ལས་ ཁ་གསལ་སྦེ་བཤད་དེ་མེདཔ་ལས་ ཞིབ་འཚོལ་འབད་དགོ་པའི་གནད་དོན་ཅིག་ལུ་གྱུར་ཏེ་འདུག། ཞིབ་འཚོལ་འདི་ཡང་གཙོ་བོ་ཧེ་མའི་ཡི་གུ་རྙིངམ་ཚུ་འཚོལ་ཞིབ་འབད་དེ་ མགོ་རྒྱན་ག་དེ་སྦེ་ལག་ལེན་འཐབ་ནུག་ག་ ད་ལྟོ་ལག་ལེན་འཐབ་སྟེ་ཡོད་པའི་མགོ་རྒྱན་དང་ཆ་འདྲཝ་འདུག་ག་མིན་འདུག། དེ་ལག་ལེན་འཐབ་དགོ་པའི་རྒྱུ་མཚན། དགེ་འདུན་ཆོས་འཕེལ་ལ་སོགས་པ་ བོད་ཀྱི་མཁས་པ་ཚུ་གིས་ མགོ་རྒྱན་འདི་ལེགས་སྦྱར་གྱི་ཨོྂ་ཡིག་ལས་གྱུར་ཡོདཔ་སྦེ་གསུངས་ཡོད་མི་ཚུ་ བདེན་ཁུངས་ག་དེ་སྦེ་ཡོདཔ་ཨིན་ན་དབྱེ་དཔྱད་ཐོག་གསལ་སྟོན་འབད་ནི་གི་དམིགས་གཏད་བསྐྱེདཔ་ཨིན། ཁུངས་བཙན་ཐབས་ལམ་ལག་ལེན་འཐབ་སྟེ་དབྱེ་དཔྱད་འབད་ཡོད་པའི་གནད་དོན་དང་འཁྲིལཝ་ད་ རྐྱེན་གྱི་ཡི་གུ་ཟེར་མི་འདི་ མགོ་རྒྱན་དང་ཤད་གཉིས་ལུ་གོ་ནི་དང་། མགོ་རྒྱན་གྱི་ཡི་གུ་ལེ་ཤ་ཡོད་པའི་ནང་ལས་ སྐབས་འདི་ན་འབད་བ་ཅིན་ མགོ་རྒྱན་འདི་ (༄༅) ལུ་ གོ་དགོཔ་ཨིན་པས། མགོ་རྒྱན་འདི་ (༄༅) གི་མིང་ དབུ་ཁྱུད་ཟེར་ཡང་སླབ་ཨིན་པས། དེ་བཟུམ་གྱི་དབུ་ཁྱུད་འདི་ལེགས་སྦྱར་གྱི་ཨོྃ་ཡིག་ལས་མེན་པར་བོད་རང་གི་ཡི་གུ་ལས་གྱུར་ཏེ་ ད་རེས་ནངས་པ་ལག་ལེན་འཐབ་སྲོལ་ཡོད་པའི་མགོ་རྒྱན་འདི་ (༄༅) ལུ་གྱུར་ཡོདཔ་སྦེ་ངོས་འཛིན་བྱུང་ཡོདཔ་མ་ཚད་ ད་རེས་ནངས་པའི་མགོ་རྒྱན་ལག་ལེན་འབད་བ་ཅིན་ བསྡུས་པ་དང་ཤིན་ཏུ་བསྡུས་པ་ལུ་རྐྱངམ་གཅིག་མ་གཏོགས་གཞན་ཚུ་འགྱུར་བ་མེདཔ་སྦེ་ངོས་འཛིན་བྱུང་ཡི། མགོ་རྒྱན་འདི་ཡང་ཡི་གུའི་འགོ་མཇུག་ངོས་འཛིན་འབད་ཚུགས་པའི་ཁུངས་དང་དགོས་པ་ལུ་བརྟེན་ལག་ལེག་འཐབ་ཨིནམ་སྦེ་ཤེས་རྟོགས་བྱུང་ཡོད་མི་ཚུ་གསལ་སྟོན་འབད་དེ་ཡོད། དེ་གིས་སྐད་ཡིག་དང་འབྲེལ་བའི་ཞིབ་འཚོལ་པ་དང་སྐད་ཡིག་སློབ་སྦྱོང་པ་ཚུ་ལུ་ མགོ་རྒྱན་དང་འབྲེལ་བའི་ཤེས་ཡོན་རྒྱ་སྐྱེད་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས།

གཙོ་ཚིག། ཨོྂ་ཡིག། མགོ་རྒྱན། འབྲི་སྲོལ། ལག་ལེན། དང་ཀྱོག། རྐྱེན་གྱི་ཡི་གུ།

Downloads

Published

02-06-2026

How to Cite

འཕྲིན་ལས་རྒྱལ་མཚན།. (2026). རྐྱེན་གྱི་ཡི་གུ་དབུ་ཁྱུད་དམ་མགོ་རྒྱན་གྱི་འབྱུང་རབས་དང་དེའི་འགྱུར་བ།. Rig-Mdzod Dus-Deb, 3. https://doi.org/10.17102/rigzoedjournal.clcs.rub.3.005