ཆོས་ཆས་རྔ་དང་རོལམོ་ དུང་དང་རྒྱལ་གླིང་ཚུ་གི་ ལག་ལེན་ཚུལ་མཐུན།
DOI:
https://doi.org/10.17102/rigzoedjournal.clcs.rub.1.003Keywords:
སྣང་མེད་། མཆོད་ཆས། ཆོས་ཕྱོགས། རྔ་དང་རོལམོ། དུང་དང་རྒྱ་གླིང་།Abstract
ང་བཅས་རའི་རྒྱལ་ཁབ་ནང་ སྔོན་གྱི་ལམ་སྲོལ་བཟང་པོ་ཚུ་ལེ་ཤ་ཡོད་རུང་ དུས་ཀྱི་འགྱུར་བ་དང་འཁྲིལ་ རིམ་པ་བཞིན་དུ་ ཉམས་འགྱོ་དོ་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་གཞི་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། ཉམས་དགོ་པའི་ཁུངས་ འདི་ཡང་ ད་རེས་ནངས་པའི་ ན་གཞོན་ཆ་ཁྱབ་ཀྱིས་ ལམ་སྲོལ་གྱི་རྒྱབ་ཁུངས་དང་ཁེ་ཕན་ཚུ་མ་ཤེས་ ལམ་སྲོལ་འདི་ཚུ་ལུ་བརྟེན་པའི་ གནས་སྐབས་དང་ཕུག་གི་ཁེ་ཕན་ མཐོང་མ་ཚུགསཔ་ལས་བརྟེན་ ཧེ་མའི་ལམ་སྲོལ་ཚུ་ལུ་ སྤྲོ་བ་དང་དག་སྣང་བསྐྱེད་མི་ མེད་པའི་ཁར་ ལ་ལུ་གིས་སྣང་མེད་བསྐྱུར་ས་ཡང་མཐོང་ཚུགས་པས། དཔེར་ན་ མཆོད་ཆས་ རྔ་དང་རོལམོ་ དུང་དང་རྒྱ་གླིང་བཟུམ་འབད་བ་ཅིན་ སྣང་མེད་བསྐྱུར་ཏེ་ རྩེདམོ་རྩེད་ས་ གདོང་དེབ་ནང་ལས་ ཕར་མཐོང་ཚུགས་པས། དེ་འབདཝ་ལས་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ རྔ་དང་རོལམོ། དུང་དང་རྒྱ་གླིང་ཚུ་ ཆོས་ཕྱོགས་སྐབས་ལག་ལེན་འཐབ་དགོ་པའི་ ཁུངས་དང་དགོས་པ་ཚུ་ཤེས་ཐབས་དང་ ལམ་སྲོལ་བཟང་པོ་ཚུ་ མི་ཉམས་གོང་འཕེལ་བཏང་ཐབས་ལུ་དམིགས་ཏེ་ ཁུངས་བཙན་ཐབས་ལམ་འདི་ལག་ལེན་འཐབ་སྟེ་དྲི་བ་དྲིས་ལན་ འབད་བའི་སྐབས་ ཆོས་ཆས་ཚུ་སྙན་ཆ་སྦེ་ལག་ལེན་འཐབ་ནི་དང་རྩེདམོ་བརྩེ་ནི་ཚུ་མ་བཏུབ་སྦེ་གསུངས་རུང་ བཀའ་འགྱུར་དང་བསྟན་འགྱུར་ཚུ་དཔེ་ཀློག་འབད་ཐོག་ལས་ གནས་སྐབས་ཀྱི་བར་ཆད་ཞི་ནི་དང་ཚོགས་བསག་ཐབས་ལུ་ ཆོས་ཕྱོགས་སྐབས་ རྔ་དང་རོལམོ་ དུང་དང་རྒྱ་གླིང་ཚུ་ལག་ལེན་འཐབ་དོ་བཟུམ་འབད་ར་ གླུ་དབྱངས་ཀྱི་སྐབས་ལུ་ཡང་ སྙན་ཆ་སྦེ་ལག་ལེན་འཐབ་པ་ཅིན་ གནས་སྐབས་དང་མཐར་ཐུག་གི་ཕན་པ་ཡོད་པའི་ཁུངས་དང་རྒྱུ་མཚན་ཚུ་གཤམ་གྱིི་རྩོམ་ཤོག་ནང་ལུ་ཁ་གསལ་སྦེ་བཀོད་དེ་ཡོདཔ་ཨིན།
Downloads
Published
How to Cite
Issue
Section
License
Copyright (c) 2023 Rig-mdzod Dus-deb

This work is licensed under a Creative Commons Attribution 4.0 International License.