ཁེངས་ངང་ལྷ་ལུ་གསོལ་བའི་མཆོད་པའི་དུས་སྟོན།
DOI:
https://doi.org/10.17102/rigzoedjournal.clcs.rub.02.004Keywords:
དུས་སྟོན།, མཆོད་པ།, ཀྲོང་པ།, རྒད་པོ་པ།, དཔའ་བོ།, བོན་པོ།, བཀའ་གདམས་པ།Abstract
མཆོད་པའི་དུས་སྟོན་འདི་ ཁེངས་སྨད་ངང་ལྷ་ཀྲོང་ཟེར་བའི་གཡུས་ཚན་ནང་ལུ་ ལོ་བསྟར་བཞིན་དུ་ རང་ཟླ་བཅུ་པའི་ཚེས་༡༤ ལས་ཚེས་༡༦ ཚུན་ཉིནམ་༣ གྱི་རིང་ལུ་བརྩི་སྲུང་ཞུཝ་ཨིན་མས། དུས་སྟོན་དེ་ དམངས་ཀྱི་རིམ་གྲོ་སྦེ་ གཡུས་གོ་དེ་ནང་གི་ མི་རིགས་བཞི་གི་ ཀྲོང་པ་དང་པཱམ་པ་ ལས་ཁོང་རའི་མི་བརྒྱུད་ཚུ་གིས་སྤྱི་རུབ་ཐོག་ལས་ མཁར་དུང་དཀར་སྤོང་ལུ་ཆགས་ཏེ་ཡོད་པའི་ ངང་ལྷ་ལྷ་ཁང་ནང་ ཁོང་རའི་སྐྱེས་བཙན་དང་ གནས་བདག་མཆོད་དེ་ བརྩི་སྲུང་ཞུཝ་ཨིན་མས། ཨིན་རུང་ ད་ལྟོ་ཚུན་ཚོད་ དུས་སྟོན་དེ་གི་སྐོར་ལས་ ཞིབ་འཚོལ་འབད་དེ་ ཡིག་ཐོག་ལུ་ཆེནམོ་ཅིག་བཀོད་དེ་མེད་པའི་ཁར་ ན་གཞོན་ཚུ་གིས་ལམ་སྲོལ་དེ་ལུ་ སྣང་མེད་བསྐྱུར་ཏེ་སྤྲོ་བ་བསྐྱེད་མ་བཏུབ་པར་ ཉམས་ཉེན་ལུ་ཐུག་སྟེ་འདུག། དེ་འབདཝ་ལས་ དུས་སྟོན་དེ་གི འབྱུང་ཁུངས་དང་དགོས་པ་ཤེས་ནིའི་དོན་ལུ་དང་ དུས་སྟོན་གྱི་བྱ་རིམ་གྱི་ལམ་ལུགས་ཚུ་ ཉམས་མ་བཅུག་པར་བཞག་ནི་ལུ་དམིགས་ཏེ་ དྲི་བ་དྲིས་ལན་དང་ ཁུངས་ཐུབ་ཀྱི་ཡིག་ཆ་ཚུ་དབྱེ་དཔྱད་འབད་དེ་ ཁུངས་བཙན་ཐབས་ལམ་ནང་ལས་ལམ་སྲོལ་དང་འབྲེལ་བའི་ཞིབ་འཚོལ་འབད་ཡི། ཞིབ་འཚོལ་དེ་ནང་ མཆོད་པའི་དུས་སྟོན་གྱི་འབྱུང་ཁུངས། དུས་སྟོན་གྱི་དགོས་པ། དེ་ལས་ མཆོད་པའི་ལས་སྣ་གི་བྱ་རིམ་དང་ དུས་སྟོན་དེ་ལུ་འགྱུར་བ་ཞུགས་མི་ཚུ་ ལེགས་ཤོམ་སྦེ་ར་དབྱེ་དཔྱད་འབད་དེ་ གསལ་བཀོད་འབད་དེ་ཡོདཔ་ཨིན། ཞིབ་འཚོལ་དེ་ལུ་བརྟེན་ཏེ་ མཆོད་པའི་འབྱུང་ཁུངས་དང་ དགོས་པ་ཤེས་ཚུགས་ནི་དང་ མཆོད་པའི་ལས་སྣ་གི་བྱ་རིམ་ཚུ་ ནོར་མ་བཅུག་པར་བདག་འཛིན་འབད་དེ་ འགྱུར་བ་ཞུགས་ཏེ་ཡོད་པའི་སྲོལ་ཚུ་ཡང་ ཉམས་པ་སོར་ཆུད་འབད་དེ་ བཞག་ཚུགས་པའི་ཁེ་ཕན་ཡོད།
གཙོ་བོ་ཚིག། དུས་སྟོན། མཆོད་པ། ཀྲོང་པ། རྒད་པོ་པ། དཔའ་བོ། བོན་པོ། བཀའ་གདམས་པ།
Downloads
Published
How to Cite
Issue
Section
License
Copyright (c) 2024 རྡོ་རྗེ་འཕྲིན་ལས། Thinley

This work is licensed under a Creative Commons Attribution 4.0 International License.