བར་དོ། ཧི་མ་ལ་འི་གངས་ལྗོངས་ནང་དར་ཡོད་པའི་བར་དོའི་ཆོས་ཚུལ་གྱི་ ཐ་སྙད་དང་རྣམ་གྲངས་ཀྱི་དཔྱད་པ།
DOI:
https://doi.org/10.17102/rigzoedjournal.clcs.rub.3.001Keywords:
གཙོ་ཚིག། བར་དོ། ཐ་སྙད། རྣམ་གྲངས། བར་སྲིད། གནས་སྐབས། བར་མཚམས།Abstract
བཅུད་དོན།
ཧི་མ་ལའི་གངས་ལྗོངས་ཀྱི་རྒྱལ་ཁམས་ཚུ་ནང་ བར་དོའི་རྣམ་གཞག་འདི་ ཆོས་དང་ལམ་སྲོལ་གྱི་གནད་དོན་ཅིག་ཨིནམ་མ་ཚད་ ཉམས་ལེན་གྱི་ཆ་རྐྱེན་གལ་ཅན་ཅིག་ཡང་ཨིནམ་ལས་ གལ་ཅན་ཅིག་ཨིན་རུང་ ཡིག་ཆ་ཁ་གསལ་མེད་པའི་ཐོག་ཁར་ སྐད་ཡིག་གི་མགུ་རྙོག་དང་ དོན་འགྲེལ་མ་འདྲཝ་ཚུ་ལུ་བརྟེན་ བར་དོའི་ཐ་སྙད་དང་དབྱེ་བ་ཚུ་གི་འབྱུང་ཁུངས་དང་འགྱུར་བ་ཚུ་ ཁ་གསལ་མེད་པར་ལུས་ཡོདཔ་ལས་ ཞིབ་འཚོལ་འདི་གིས་ ནང་ཆོས་དང་འབྲེལ་བའི་བར་དོའི་ཐ་སྙད་དང་དབྱེ་བའི་རྣམ་གྲངས་ཚུ་བརྟག་ཞིབ་འབདཝ་ཨིན། དེ་ཡང་ སྐད་ཡིག་དབྱེ་དཔྱད་དང་ཡིག་ཆ་བརྟག་དཔྱད་ཟུང་འབྲེལ་གྱི་ ཁུངས་བཙན་ཐབས་ལམ་ལག་ལེན་འཐབ་ཏེ་ བར་དོ་དང་འབྲེལ་བའི་ཡིག་ཆ་གཙོ་བོ་དང་ཡག་ལག་ཚུ་ དུས་ཚོད་དང་འཁྲིལ་ཏེ་ ཐ་སྙད་དང་དོན་དག་གི་བྱུང་འགྱུར་གྱི་གནས་སྟངས་དབྱེ་དཔྱད་འབད་དེ་ཡོད། སྐད་ཡིག་དབྱེ་དཔྱད་དང་འཁྲིལ་བ་ཅིན་ བར་དོའི་ཐ་སྙད་འདི་ ཆོས་མངོན་པའི་གཞུང་ནང་ “ཨན་ཏ་ར་བྷ་བ་” ཟེར་མི་སྒྲ་ལས་བྱུང་ཡོདཔ་དང་ ཤུལ་ལས་ཤི་སོན་གྱི་གནས་སྐབས་ཡོད་ཚད་གཅིགཔོ་ལུ་སྦྱར་ཡོད་པའི་ཐ་སྙད་ཅིག་དང་ ཡིག་ཆ་བརྟག་དཔྱད་དང་འཁྲིལ་བ་ཅིན་ འོག་ཐོག་ལུ་བར་སྲིད་ཀྱི་རྣམ་གཞག་གཅིག་ལས་མེད་རུང་ ཤུལ་ལས་བོད་བརྒྱུད་ནང་པའི་ཆོས་ལུགས་ནང་ གསང་སྔགས་ཀྱི་ཉམས་ལེན་དང་འབྲེལ་བའི་ དབྱེ་ཁག་མ་འདྲཝ་ལེ་ཤ་ཅིག་ངོས་འཛིན་འབད་དེ་འདུག། དེ་ལུ་བརྟེན་ བར་དོ་གི་ཐ་སྙད་དང་རྣམ་གྲངས་ཚུ་གི་སྐོར་ལས་ཧ་གོ་ཚུགསཔ་མ་ཚད་ ཆོས་ལུགས་དང་སྐད་ཡིག་ནང་ལུ་ ལམ་སྲོལ་མ་འདྲཝ་གི་གྲོས་བསྟུན་ཚུ་ ཡར་དྲག་བཏང་ཚུགས།
Downloads
Published
How to Cite
Issue
Section
License
Copyright (c) 2025 ཚེ་རིང་དོན་གྲུབ། མཁས་དབང་།

This work is licensed under a Creative Commons Attribution 4.0 International License.