རྒྱ་བོད་གཉིས་ནང་བསྟན་རྩིས་དར་འཕེལ་ཇི་ལྟར་འབྱུང་བའི་དབྱེ་དཔྱད།
DOI:
https://doi.org/10.17102/rigzoedjournal.clcs.rub.3.002Keywords:
དུས་འཁོར། མདོ་སྔགས། བསྟན་རྩིས། རྒྱ་གར། བོད།Abstract
སངས་རྒྱས་བསྟན་པའི་གནས་ཚད་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་བྱོན་པའི་ལོ་ཚིགས་སྟོན་པའི་བསྟན་རྩིས་རིག་པའི་རྣམ་བཞག་དེ་ཡང་། དུས་རབས་ལས་དུས་རབས་བཅད་དེ་རྒྱ་བོད་འབྲུག་གསུམ་དུ་རྒྱ་ཆེར་དར་ཁྱབ་བྱུང་འདུག། ད་ལྟའི་ཆར་བསྟན་རྩིས་ཀྱི་རྣམ་བཞག་སྟོན་པའི་ཡིག་ཆ་ཁ་ཐོར་མང་དག་ཅིག་སྣང་ཡང་། ལ་ལ་རྒྱས་དྲག་པ་དང་། འགའ་ཞིག་ཉུང་ལ་ནང་དོན་མི་གསལ་བའི་དཀའ་ངལ་སོགས་མང་དག་ཅིག་འདུག་མོད། འོན་ཀྱང་། ཁུངས་བཙན་ཞིབ་འཚོལ་འདི་ཉིད་ཀྱིས་ཁུངས་ཐུབ་ཀྱི་ཡིག་ཆ་ཡང་གཙོ་བོ། རྒྱ་བོད་མཁས་པ་རྣམས་ཀྱིས་མཛད་པའི་དུས་ཀྱི་འཁོར་ལོའི་འགྲེལ་པ་དང་། ཆོས་འབྱུང་། བསྟན་རྩིས་ཀྱི་དཔེ་རིགས། གཞན་ཡང་དེ་དང་འབྲེལ་བའི་ཁ་ཐོར་གྱི་ཡིག་རིགས་རྣམས་ལ་བརྟེན་ཏེ་རིམ་བསྒྲིགས་དང་གོ་བསྡུར་བྱས་ཡོད། བསྟན་རྩིས་ཀྱི་རྣམ་བཞག་དེ་ཡང་། མདོ་ལུགས། དུས་འཁོར་གྱི་ལུགས། ལྷོ་ལུགས། ཕུག་ལུགས། ཀུན་མཁྱེན་གྱི་ལུགས་བཅས་བཞེད་ཐངས་མི་འདྲ་བ་ལྔ་ཙམ་བྱུང་འདུག། ཞིབ་འཚོལ་གྱི་གྲུབ་འབྲས་དེ་ཡིས་རྒྱུད་དང་རྒྱུད་གཞུང་རྣམས་ལ་ཐོས་བསམ་ཀྱི་སློབ་གཉེར་མཛད་མཁན་རྣམས་དང་། ཞིབ་འཚོལ་ནང་མཁན་རྣམས་ལ་ཤེས་ཡོན་རྒྱ་བསྐྱེད་དང་ཡིག་ཆ་ཁ་སྐོང་གི་ཁེ་ཕན་འབྱུང་ཐུབ་པ་མ་ཟད། བསྟན་རྩིས་ཀྱི་གནད་དོན་ཐོག་གོ་བ་གཏིང་ཟབ་ལེན་རྒྱུ་དང་། རྒྱུས་མངའ་ཡང་དག་འབྱུང་ཐུབ་པའི་དམིགས་གཏད་བསྐྱེད་ཡོད།
གཙོ་ཚིག། དུས་འཁོར། མདོ་སྔགས།བསྟན་རྩིས། རྒྱ་གར། བོད།
Downloads
Published
How to Cite
Issue
Section
License
Copyright (c) 2025 པ་སངས་ཚེ་རིང་།

This work is licensed under a Creative Commons Attribution 4.0 International License.