ལྕགས་ས་མཁར་གཡུས་གོ་ནང་ལུ་གསོལ་བའི་ལྷ་བཱ་ལིང་གི་རྒྱབ་ཁུངས།
DOI:
https://doi.org/10.17102/rigzoedjournal.clcs.rub.2.004Abstract
ལྷ་བཱ་ལིང་གི་གསོལ་མཆོད་འདི་ མོང་སྒར་རྫོང་ཁག་ལྕགས་ས་མཁར་གཡུས་གོ་ནང་ དུས་དང་ཕུ་ལས་ར་མཆོད་སྲོལ་ཡོད་པའི་ལམ་སྲོལ་ཅིག་ཨིན་རུང་ ལམ་སྲོལ་འདི་གཡུས་གོའི་མི་ཚུ་གིས་ ལུགས་སྲོལ་ཅིག་སྦེ་འགོ་འདྲེན་འཐབ་དོ་ཡོདཔ་མ་གཏོགས་ དེ་དང་འབྲེལ་བའི་ཁུངས་ཐུབ་ཀྱི་ལོ་རྒྱུས་དང་རྒྱབ་ཁུངས་ཡིག་ཆ་ཚད་ལྡན་ཅིག་མེད་པའི་ཁར་ དུས་ཀྱི་འགྱུར་བ་དང་བསྟུན་དོ་སྣང་བསྐྱེད་མི་ཡང་ཉམས་རྒུད་ཤོར་ཏེ་ ཚ་གྱང་ལང་དགོ་པའི་གཞི་ཅིག་ལུ་གྱུར་ཏེ་འདུག། དེ་ལུ་བརྟེན་ཞིབ་འཚོལ་འདི་གིས་ལྷ་བཱ་ལིང་གི་རྒྱབ་ཁུངས་ དང་དགོས་དོན་དབྱེ་དཔྱད་འབད་ནི་ལུ་དམིགས་གཏད་བསྐྱེད་དེ་ ཁུངས་བཙན་ཐབས་ལམ་ལག་ལེན་ཐོག་ལས་ ཡིག་ཆ་དབྱེ་དཔྱད་དང་འབྲེལ་ཡོད་ཀྱི་མི་ངོམ་ཚུ་དང་གཅིག་ཁར་ དྲི་བ་དྲིས་ལན་འགོ་འདྲེན་འཐབ་སྟེ་གནས་སྡུད་བསྡུ་ལེན་འབད་དེ་ཡོད་པའི་གནས་སྡུད་དབྱེ་དཔྱད་དང་འཁྲིལ་བ་ཅིན་ ལྷ་བཱ་ལིང་འདི་ཡུལ་ལྷ་ཅིག་སྦེ་ཡིད་ཆེས་བསྐྱེད་དོ་ཡོད་པའི་ཁར་ གསོལ་མཆོད་དེ་ལོ་བསྟར་ཕུལ་ནི་མེད་རུང་ གཡུས་གོའི་མི་ཚུ་ན་སྟེ་རྨི་ལམ་འཚུབ་ནི་དང་གཟུགས་ལས་རྔུལ་ནག་ཚུ་ཐོན་པའི་སྐབས་ ཕུལ་སྲོལ་ཡོད་པའི་རིམ་གྲོ་དང་འབྲེལ་བའི་གསོལ་མཆོད་ཀྱི་ལམ་སྲོལ་ཅིག་ཨིན་མས། ལྷ་གསོལ་དེ་ ལོ་རྒྱུས་དང་འཁྲིལ་བ་ཅིན་ བཀྲ་ཤིས་སྒང་འཇམ་མཁར་མཁོ་ཆེ་ལུ་ བོན་ལྷ་གི་གནོད་པ་བྱུང་མི་འདི་ཟློག་ཐབས་ལུ་ བོན་ལྷ་བསྟེན་དགོ་པའི་གསོལ་མཆོད་ལས་བྱུང་བའི་ལམ་སྲོལ་ཅིག་ཨིནམ་སྦེ་གསལ་སྟོན་འབད་དེ་ཡོད་པའི་ཞིབ་འཚོལ་དེ་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་རྒྱུན་སྐྱོང་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་དང་ལྷག་པར་དུ་ གཡུས་དེ་ནང་གི་ལམ་སྲོལ་ ལྷ་བཱ་ལིང་གི་ལོ་རྒྱུས་དང་རྒྱབ་ཁུངས་ཚུ་ ཁ་གསལ་ཤེས་ནི་ལུ་ལྷན་ཐབས་འབད་ཚུགས།
གཙོ་ཚིག། བོན། ལྷ་བཱ་ལིང་། གསོལ་མཆོད། ལམ་སྲོལ། ལྷ་གསོལ།
Downloads
Published
How to Cite
Issue
Section
License
Copyright (c) 2024 རིན་ཆེན་རྡོ་རྗེ།

This work is licensed under a Creative Commons Attribution 4.0 International License.