སངས་རྒྱས་ཕུན་ཚོགས། ཁེངས་ཉིམ་གཞོང་ལུ་ བོན་ཆོས་བྱུང༌རིམ༌གྱི༌རྒྱབ༌ཁུངས༌དང༌བཙན༌མཆོད་ཐབས་སྐོར།

Authors

  • སངས་རྒྱས་ཕུན་ཚོགས། Dzongkha

DOI:

https://doi.org/10.17102/rigzoedjournal.clcs.rub.3.004

Keywords:

བོན་ཆོས། བོན་པོ། ཡུལ་ལྷ། ཞི་བདག བཙན་བདུད།

Abstract

བཙན་མཆོད་ཟེར་མི་འདི་ གནས་བདག་ཞི་བདག་ལུ་ གསོལ་མཆོད་ཕུལ་མི་ལུ་སླབ་དོ་ཡོདཔ་དང་ དེ་བཟུམ་མའི་ལམ་སྲོལ་འདི་ ཁེངས་ཉིམ་གཞོང་ལུ་ ཡོངས་གྲགས་ཅན་ཅིག་ཨིན་པའི་ཁར་ འབྲུག་གི་ལུང་ཕྱོགས་ཁག་ནང་དར་ཡོད་པའི་ བོན་ཆོས་དང་འབྲེལ་བའི་ལམ་སྲོལ་གལ་ཅན་ཅིག་ཡང་ཨིན་པས། ཨིན་རུང་ ད་རེས་ནངས་པ་མི་གི་བསམ་བརྗོད་སྤྱོད་གསུམ་འགྱུར་བ་ལས་བརྟེན་ འདི་གི་བརྩི་མཐོང་དང་ཁེ་ཕན་ རྒྱབ་ཁུངས་ཚུ་ཧ་མ་གོཝ་ལས་ཉམས་འགྱོ་ནིའི་གནས་སྟངས་ལུ་ལྷོད་དེ་ཡོད་མི་འདི་ རྒྱུན་སྐྱོང་ཏེ་བཞག་ནི་ལུ་དམིགས་གཏད་བསྐྱེདཔ་ཨིན། སྤྱིར་བཏང་ བོན་ཆོས་དང་འབྲེལ་བའི་ལམ་སྲོལ་སྐོར་ ཞིབ་འཚོལ་རྩོམ་ཡིག་རེ་ཡོད་རུང་ དམིགས་བསལ་གྱིས་ ལུང་པ་དེ་ཁའི་གཡུས་བཙན་དང་འབྲེལ་བའི་རྒྱབ་ཁུངས་ལོ་རྒྱུས་ཚུ་ཁ་གསལ་ཅིག་མེདཔ་ལས་ ཁུངས་བཙན་ཞིབ་འཚོལ་འདི་ནང་ ལམ་སྲོལ་འདི་དང་འབྲེལ་བའི་ཁུངས་ཐུབ་ཀྱི་ཡིག་ཆའི་ནང་དོན་དབྱེ་ཞིབ་དང་ བརྒྱུད་འཛིན་གྱི་བོན་པོ་ཚུ་ལས་ཐོབ་པའི་གནས་སྡུད་ཚུ་ལུ་དབྱེ་ཞིབ་འབད་བའི་སྐབས་ ཞིབ་འཚོལ་གྲུབ་འབྲས་འདི་ཡང་ བཙན་མཆོད་འདི་གཙོ་བོ་ གདོན་གཟུགས་བོན་ལས་རིམ་པར་གཡུང་དྲུང་གཤེན་རབ་ཀྱི་བོན་ལུགས་དང་ བསྒྱུར་བོན་ཚུ་གི་ཤན་ཞུགས་ཏེ་འོང་པའི་ལམ་སྲོལ་ཅིག་ཨིན་པའི་ཁུངས་དང་ སྲོལ་འདི་ཉིམ་གཞོང་ལུ་ འབྲུག་ནུབ་ཕྱོགས་རྫོང་ཁག་དང་ བུམ་ཐང་ཨུ་ར་བརྒྱུད་དེ་དར་འོང་པའི་རྒྱབ་ཁུངས་ཚུ་གསལ་སྟོན་འབད་དེ་ཡོད། དེ་གིས་ སྤྱིར་ཁེངས་མི་ཚུ་ལུ་ ལམ་སྲོལ་འདི་གི་ཤེས་ཡོན་གོ་བརྡ་སྤྲོད་ཚུགསཔ་མ་ཚད་ རྒྱབ་ཀྱི་སྔར་སྲོལ་ལམ་ལུགས་མི་ཉམས་རྒྱུན་སྐྱོང་འབད་ནི་ལུ་ལྷན་ཐབས་འབད་ཚུགས།  

གཙོ་ཚིག     བོན་ཆོས། བོན་པོ། གཡུས་ལྷ། གཞི་བདག བཙན་བདུད། སྡིང་ལའི་བཙན།

Downloads

Published

2025-06-30

How to Cite

སངས་རྒྱས་ཕུན་ཚོགས།. (2025). སངས་རྒྱས་ཕུན་ཚོགས། ཁེངས་ཉིམ་གཞོང་ལུ་ བོན་ཆོས་བྱུང༌རིམ༌གྱི༌རྒྱབ༌ཁུངས༌དང༌བཙན༌མཆོད་ཐབས་སྐོར། . Rig-Mdzod Dus-Deb, 3. https://doi.org/10.17102/rigzoedjournal.clcs.rub.3.004