གསལ་བསྒྲགས།

2024-04-12

གསལ་བསྒྲགས།

ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་ཤེས་ཡོན་དང་ ཞིབ་འཚོལ་གྱི་ཤེས་ཡོན་ཚུ་ཡར་རྒྱས་གཏང་ཐབས་ལུ་དམིགས་ཏེ་ ལོ་ལྟར་བཞིན་དུ་ རིག་མཛོད་དུས་དེབ་ཟེར་བའི་ཡོངས་འབྲེལ་འཆར་སྒོ་ནང་ལུ་ ཞིབ་འཚོལ་རྩོམ་ཤོག་ཚུ་པར་བསྐྲུན་འབད་དོ་ཡོདཔ་ལས་ རིག་མཛོད་དུས་དེབ་འཐོན་རིམ་གསུམ་པའི་དོན་ལུ་ རང་སོའི་རྩོམ་ཤོག་པར་བསྐྲུན་འབད་ནི་གི་ཐུགས་འདོད་ཡོད་མི་ མཁས་དབང་ཚུ་གིས་ སྤྱི་ཟླ་༧ པའི་སྤྱི་ཚེས་༣༠ གི་ནང་འཁོད་ལུ་ ཞིབ་འཚོལ་གནང་སྟེ་ཡོད་པའི་རྩོམ་ཤོག་ཚུ་ རིག་མཛོད་དུས་དེབ་ཀྱི་ ཡོངས་འབྲེལ་འཆར་སྒོ་འདི་ནང་ལུ་ བསྐྱལ་གནང་ཟེར་ཞུ་ནི་དང་གཅིག་ཁར་ རྩོམ་ཤོག་བསྐྱར་ཞིབ་འབད་ཐངས་ཀྱི་ལམ་ལུགས་དང་ རྩོམ་ཤོག་བསྐྱལ་ནི་གི་ལམ་སྟོན་ཚུ་ཡང་ ཡོངས་འབྲེལ་འཆར་སྒོ་འདི་ནང་ལུ་ཁ་གསལ་སྦེ་བཀོད་དེ་ཡོདཔ་ཨིན། ཁ་གསལ་གྱི་དོན་ལུ་ གཤམ་ལུ་བཀོད་དེ་ཡོད་པའི་མི་ངོ་དང་གཅིག་ཁར་འབྲེལ་བ་འཐབ་གནང་།

འཕྲིན་ལས་རྒྱལ་མཚན།

# 17985995

thinleygyeltshen.clcs@rub.edu.bt

 

དྲན་གསོ།

རྩོམ་ཤོག་འདི་ ལམ་སྟོན་དང་འཁྲིལ་མེད་པ་ཅིན་ ཆ་མེད་གཏང་ནི་ཨིནམ་ལས་ ག་ར་གིས་ལམ་སྟོན་དང་འཁྲིལ་བསྐྱལ་གནང་ཟེར་ཞུ་ནི།

བརྗོད་དོན། སྐད་ཡིག་དང་ལམ་སྲོལ། ལྟ་གྲུབ།

སྐད་ཡིག། རྫོང་ཁ་དང་ཆོས་སྐད་གང་རུང་།

སྤྲོད་ཚེས། ༣༠/༠༧/༢༠༢༤།