Aims and Scope

དམིགས་ཡུལ་དང་གོ་སྐབས།

རིག་མཛོད་དུས་དེབ་འདི་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭའི་ ཞིབ་འཚོལ་དང་བཟོ་བསྐྲུན་སྡེ་གིས་ ལོ་ལྟར་པར་སྐྲུན་འབད་བའི་ གུ་ཡངས་ཅན་དང་ གསང་བའི་བསྐྱར་ཞིབ་ཅན་གྱི་ཞིབ་འཚོལ་དུས་དེབ་ཅིག་ཨིན། རིག་མཛོད་དུས་དེབ་འདི་ རྫོང་ཁའི་སྐད་ཡིག་ཐོག་ལུ་ ཧི་མ་ལ་ཡའི་གངས་ལྗོངས་ཀྱི་ཤེས་རིག་ མི་སྡེའི་རིག་པ་ ཆོས་དང་རིག་གཞུང་ལ་སོགས་པའི་མི་རིགས་དང་འབྲེལ་བའི་ཆོས་ཚན་སྣང་མང་གི་ ཞིབ་འཚོལ་རྩོམ་ཤོག་པར་སྐྲུན་འབད་ནིའི་ས་ཁོངས་ཅིག་ཨིན།

དུས་དེབ་འདི་ གསང་བའི་དབྱེ་ཞིབ་རིམ་ལུགས་ཀྱི་ཐོག་ལས་ སྤུས་ཚད་ཅན་གྱི་ཞིབ་འཚོལ་རྩོམ་ཤོག་པར་སྐྲུན་གྱི་དམིགས་གཏད་བསྐྱེདཔ་ཨིན། དེ་ཡང་ གཙོ་བོ་ཤེས་ཡོན་ཅན་ སྲིད་བྱུས་བཟོ་མི་ གཙུག་ལག་ཤེས་ཚད་ཡོད་མི་ཚུ་དང་ གཞན་ཡང་ཧི་མ་ལ་ཡའི་གངས་ལྗོངས་དང་འབྲེལ་བའི་ཤེས་ཡོན་ནང་སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ཨིན།

ཞིབ་འཚོལ་རྩོམ་ཤོག་གི་ཚད་གཞི་འདི་ བཅུད་དོན། ངོ་སྤྲོད། ཐབས་ལམ། གྲོས་བསྡུར། མཇུག་བསྡུ་ལ་སོགས་པ་ཚུ་མ་བརྩི་བར་ བརྗོད་གཞི་ཚིག་འབྲུ་ ༤༥༠༠- ༥༠༠༠ ནང་འཁོད་དང་ རྩོམ་རིག་བསྐྱར་ཞིབ་ཚིག་འབྲུ་ ༢༠༠༠- ༣༠༠༠ ནང་འཁོད་དགོཔ་ཨིན།