Manuscript Guidelines

རྩོམ་ཤོག་བསྐྱལ་ནི་གི་ལམ་སྟོན།

  • རྩོམ་བྲིས་ཀྱི་ལུས་གཞུང་ལས་ལོག་སུ་འབད་ དོན་ཚན་ངོས་ཤོག་ནང་ རྩོམ་ཤོག་གི་མཚན་གནས་ རྩོམ་པ་པོའི་མིང་ འབྲེལ་གཏོགས་ཀྱི་གཙུག་སྡེ་ འགྲེམས་སྐྱེལ་ཁ་བྱང་ གློག་རིག་ཁ་བྱང་དང་ བརྒྱུད་འཕྲིན་ཨང་ཚུ་བཀོད་དགོ།

  • རྩོམ་བྲིས་ཀྱི་ལུས་གཞུང་ནང་ བཅུད་དོན་ཚིག་འབྲུ་༢༥༠-༣༠༠ དང་ རྩོམ་བྲིས་གཙོ་བོ་ཚིག་འབྲུ་༨༠༠༠-༨༥༠༠ ནང་འཁོད་དགོ་པའི་ཁར་ གལ་སྲིད་ ཐིག་ཁྲམ་ པར་རིས་དང་ མཇུག་མཆེན་ཚུ་ཡོད་པ་ཅིན་བཙུགས་ནི་དང་ རྒྱབ་རྟེན་དཔེ་ཐོའི་ངོས་ཤོག་ཅིག་བཀོད་དགོ།

  • ཡིག་གཟུགས་ཆེ་ཆུང་གི་ཚད། ཌི་ཌི་སི་དབུ་ཅན་༡༢ (DDC Uchen 12, Line Spacing 1.15,

    Size A4 and Margins Narrow) གི་ཐོག་ལས་བྲི་དགོ།

  • མགོ་ཡིག་ཚུ་ག་ར་ ཌི་ཌི་སི་དབུ་ཅན་༡༢ (DDC Uchen 12, Line Spacing 1.15)  ལག་ལེན་འཐབ་སྟེ་ སྟུག་ཡིག་ནང་བྲི་དགོ།
  • ཐིག་ཁྲམ། རེའུ་མིག་ སབ་ཁྲ་དང་པར་རིས་ལ་སོགས་པ་ རི་མོའི་རིགས་ཚུ་ཡོད་པ་ཅིན་ རྩོམ་ཤོག་ནང་ལུ་བཀོད་དགོ།

  • རྩོམ་ཤོག་གི་རྒྱབ་རྟེན་ནང་ལུ་ URL (ཡོངས་འབྲེལ་ཁ་བྱང་།) ཚུ་ཡང་ཁ་གསལ་འབད་བཀོད་དགོ།

  • རིག་མཛོད་དུས་དེབ་ལུ་སྤྲོད་ཡོད་པའི་རྩོམ་ཤོག་འདི་ དུས་དེབ་གཞན་ག་ཅི་ནང་ཡང་དབྱེ་ཞིབ་མེདཔ་དང་ ཧེ་མ་ལས་དཔེ་སྐྲུན་དང་གློག་རིག་ཡོངས་འབྲེལ་ནང་མེདཔ་ཅིག་དགོ།

  • རྩོམ་ཤོག་འདི་ ཡོངས་འབྲེལ་ཁང་བྱང་ journal.clcs.edu.bt  ནང་ཟུར་སྦྲགས་འབད་བསྐྱལ་དགོ།

  • རྩོམ་ཤོག་གི་ཡོངས་བསྡོམས་ཤོག་གྲངས་འབད་བ་ཅིན་ ཐིག་ཁྲམ། པར་རིས་དང་རྒྱབ་རྟེན་དཔེ་ཐོ་ཚུ་མ་བརྩིས་བར་ ཤོག་གྲངས་༡༥ ལས་བརྒལ་ནི་མི་འོང་།

  • མཇུག་མཆན་ལག་ལེན་འཐབ་ནི་འདི་འཛེམས་དགོ་ ཨིན་རུང་ རྩོམ་བྲིས་ནང་མཇུག་མཆན་ལག་ལེན་འཐབ་དགོཔ་པ་ཅིན་ ག་དེ་དྲག་དྲག་གྱངས་ཁ་ཉུང་སུ་སྦེ་བཞག་དགོ། མཇུག་མཆན་འདི་དོན་ཚན་གྱི་འོག་ལུ་བཀོད་དགོ།

  • ཤོག་གྲངས་ཚུ་ ཤོག་ལེབ་གཡས་ཀྱི་ཟུར་ལུ་བཀོད་དགོ།

  • གལ་སྲིད་རྩོམ་ཤོག་འདི་ རྩོམ་ཤོག་གི་ལམ་ལུགས་ཚུ་དང་འཁྲིལ་མེད་པ་ཅིན་ ཞུན་དག་བཀོད་ཚོགས་ལུ་ཆ་མེད་གཏང་ནིའི་ཐོབ་དབང་ཡོད།        

 ཞིབ་འཚོལ་རྩོམ་ཤོག་ནང་ཚང་དགོ་པའི་ཁྱད་ཆོས།

  • དང་པ་ཞིབ་འཚོལ་པའི་མིང་དང་སློབ་གྲྭ། གློག་འཕྲིན་ཁ་བྱང་། 

  •  བཅུད་དོན།

  •  ངོ་སྤྲོད།

  • རྩོམ་རིག་བསྐྱར་ཞིབ།
  •  ཐབས་ལམ།

  •  གྲོས་བསྡུར།

  • གྲུབ་འབྲས།
  •  མཇུག་བསྡུ།/ (གྲོས་འཆར། ཚད་འཛིན།)

  •  ལུང་འདྲེན་དང་རྒྱབ་རྟེན། སྤྱི་ལོ་༢༠༡༩ ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ པར་སྐྲུན་འབད་ཡོད་པའི་ ལུང་འདྲེན་དང་རྒྱབ་རྟེན་འབད་ཐངས་ཟེར་བའི་ལམ་སྟོན་དང་འཁྲིལ་འབད་དགོ།

 

ལུང་འདྲེན་ལག་དེབ་འདི་  གཤམ་གྱི་འབྲེལ་མཐུད་ནང་ལས་ ཕབ་ལེན་མཛད་གནང་།  

https://drive.google.com/file/d/1dRMN7C-LjRpIkoExSCTmEOEP6mNkE8aR/view?usp=sharing